菩提心偈頌

來源 烏金貝瑪宮殿 友善列印


       ~~~菩提心偈頌~~~       
 
堪仁波切 噶瑪吉美著作  書于2012.10.15
༡༽ ཉི་མ་ཟླ་བ་སྒྲོན་མ་གློག་གི་ཕྲེང་།            གསལ་མོད་ནང་གི་མུན་སྟུག་ག་ལ་སེལ།།
    བྱང་ཆུབ་སེམས་འདི་འགྲོ་བའི་ནང་གི་སྨག  མཐའ་དག་རྩད་ནས་འབྱིན་པར་དམ་པས་བསྔགས།།
日月明燈電光雖明亮,內在黑闇如何消,
勝士讚揚以此菩提心,根除眾生內晦暗。

༢༽ ཕན་བདེ་ཀུན་གྱི་འབྱུང་བའི་གནས།              རྒྱལ་བའི་སྲས་ཀྱི་བྱང་ཆུབ་སེམས།།
      དེ་ལ་ཡིད་བཞིན་ནོར་བུ་ཡིས།                      འགྲན་པའི་ནུས་པ་ཡོད་རེ་སྐན།།
一切利樂之生源,即佛子之菩提心,
如意摩尼寶於彼,絕對無有能相比。

༣༽  ཆུ་ཤིང་རང་འབྲས་བསྐྱེད་ནས་འཛད།          སླར་ཡང་འབྲས་བུ་འབྱིན་མི་ནུས།།
      བྱང་ཆུབ་སེམས་ཀྱིས་ཟིན་པའི་དགེ              འབྲས་བུ་འབྱིན་ཡང་མི་ཟད་འཕེལ།།
芭蕉自果生而盡,後亦不能長果實,
具足菩提心之善,果取亦增長無盡。

༤༽  ཀུན་ལ་ཕན་པར་འདོད་ན་བྱང་སེམས་དགོས།    ཀུན་དང་མཛའ་བར་འདོད་ན་བྱང་སེམས་དགོས།།
      ཀུན་གྱི་བློ་གཏད་འདོད་ན་བྱང་སེམས་དགོས།    ཀུན་གྱི་བཤེས་གཉེན་འདོད་ན་བྱང་སེམས་དགོས།།
欲利眾生當需菩提心,欲親眾生當需菩提心,
欲諸指望當需菩提心,欲諸師友當需菩提心。

༥༽    ཞུམ་པའི་སྐབས་སུ་སྤྲོ་བ་སྐྱེད།        འབྱོར་བའི་སྐབས་སུ་ཁེངས་པ་སེལ།།
          སྲིད་ན་སླུ་བ་མེད་པའི་བཤེས།          བྱང་ཆུབ་སེམས་ལས་གཞན་མ་མཆིས།།
怯弱之時生意樂,富貴之時消自滿,
輪迴無偽之師友,唯菩提心無其他。

༦༽      བྱང་སེམས་སྐྱེས་ན་ཕལ་པ་ཡང་།      བྱང་ཆུབ་སེམས་དཔའི་མིང་འཐོབ་ཅིང་།།
          ལྷ་དང་བཅས་པའི་འཇིག་རྟེན་གྱི།      ཕྱག་བྱ་བཀུར་བའི་གནས་སུ་འགྱུར།།
菩提心生雖凡夫,亦獲菩薩之名位,
成為諸天與世間,應禮承侍之對象。

༧༽      བྱང་ཆུབ་སེམས་དང་མི་ལྡན་ན།          ཆོས་གཞན་ལྡན་ཡང་འཚང་མི་རྒྱ།།
          སྲོག་གི་དབང་པོ་མི་ལྡན་ན།              དབང་པོ་གཞན་དག་དོན་མི་བྱེད།།
若不具足菩提心,雖具他法不成佛,
若不具足命之根,其他根門不成事。
 

༨༽      བྱང་ཆུབ་སེམས་ལ་ཕ་དང་མ།              གཉེན་བཤེས་ཆུང་མ་བུ་འདྲ་བར།།
          བསམས་ནས་རྣམ་པ་ཐམས་ཅད་དུ།        ཕན་ཞིང་དགའ་བའི་འདུས་ཤེས་བཞག།
菩提心中父與母,親友妻女子嗣同,
思已一切時地中,心存利益歡喜想。
 

༩༽      ཉམ་ང་ཆེ་ཐང་བྱུང་ན་ཡང་།                སྐྱེ་བོས་མིག་ནི་སྲུང་བར་བྱེད།།
         དེ་བཞིན་ཉམ་ང་ཅི་བྱུང་ཡང་།              དམ་པས་བྱང་ཆུབ་སེམས་འདི་སྲུང་།།
縱生大小之危險,凡夫亦守護眼目,
如是縱生何危險,勝士守護菩提心。
 

༡༠༽        བདག་ནི་བྱང་ཆུབ་སེམས་དཔའ་ཞེས།        གྲོག་མ་ལ་ཡང་བརྙས་མི་བྱ།།
            དོན་དམ་བྱང་ཆུབ་སེམས་མཆོག་གིས།          འགྲོ་བ་ཀུན་ལ་ཁྱབ་པར་བསྟན།།
謂我乃是菩薩者,亦於螻蟻不輕賤,
以妙勝義菩提心,普遍示於諸眾生。

版權所有如欲轉载請與本中心聯絡


來源 烏金貝瑪宮殿


  
About ugyenpema  |  Contact Us  |   Copyright © 2010 ugyenpema Org. All rights reserved.   |  Design By aman. ߶ Lyon [BҡBpalau Oakley Men's Team USA Half Jacket 2.0 XL Polarized Sunglasses Oakley Half Jacket 2.0 XL BNq- Oakley Men's Team USA Half Jacket 2.0 XL Polarized Sunglasses Oakley Half Jacket 2.0 XL BNq-   |  Processed in 0.0193 second(s) +